那曲市市场监督管理局发布提醒告诫书!事关规范虫草市场交易行为……


那曲市市场监督管理局发布提醒告诫书!事关规范虫草市场交易行为……

那曲市市场监督管理局关于规范虫草市场交易行为“八严禁”的提醒告诫书

各虫草市场开办方、经营者:

值此全市冬虫夏草采挖季来临之际,为维护市场交易秩序,保障消费者合法权益,强化全市虫草市场监管,依据《中华人民共和国广告法》《中华人民共和国消费者权益保护法》《中华人民共和国野生植物保护条例》《西藏自治区冬虫夏草交易管理暂行办法》《那曲市那曲冬虫夏草保护管理条例》等法律法规,现就有关事项提醒告诫如下:

一、主动办理登记,严禁无照经营。从事虫草交易的经营者应当依法办理市场主体登记,并将营业执照置于经营场所醒目位置;从事野生冬虫夏草交易的,在办理经营范围事项登记时应自主申请“出售、收购国家二级保护野生植物”项目。

二、分区分柜销售,严禁混淆误导。集中交易市场的开办方、经营者应当主动维护虫草市场交易秩序。具备条件的虫草交易市场应当合理规划布局,实行“人工虫草”与“野生冬虫夏草”分区销售;集中交易市场以外的经营者应当在经营场所实行“人工虫草”与“野生冬虫夏草”分柜存放销售。

三、规范价格行为,严禁价格欺诈。经营者销售、收购冬虫夏草应当明码标价,做到价签价目齐全、内容真实准确、标识清晰醒目。不得利用虚假或者使人误解的价格手段,诱骗消费者或者其他经营者与其进行交易。

四、主动明示告知,严禁虚假冒充。经营者销售“人工虫草”应当主动明确告知;销售“野生冬虫夏草”应当如实提供采集年份、产地等信息。严禁以“人工虫草”和“外来虫草”冒充“那曲冬虫夏草”销售;严禁将“人工虫草”和“外来虫草”混入“那曲冬虫夏草”销售;严禁将“亚香棒虫草”等植物冒充“那曲冬虫夏草”销售。

五、依法诚信经营,严禁虚假标注。对“那曲冬虫夏草”进行包装的,标识必须真实准确,应当标明产地、重量、采集年份、包装日期等信息;人工虫草外包装应当在显著位置标明“人工虫草”字样。严禁在人工虫草包装上标注“天然”“野生”“那曲冬虫夏草”等虚假或误导性信息。

六、履行质量义务,严禁掺杂掺假。经营者应当建立进货检查验收制度,采取措施保证销售虫草的质量。严禁通过人工手段添加铅、铁、铝、明矾等异物以及喷涂金属粉末、浸泡增重溶液等方法使虫草增重后对外销售。

七、公平计量交易,严禁缺斤少两。从事冬虫夏草交易应当保证计量器具准确。不得使用国家明令淘汰的计量器具;不得使用未经检定、超过检定周期或者经检定不合格的计量器具;不得使用具有作弊功能的计量器具;不得破坏计量器具准确度;不得破坏计量器具的铅(签)封;不得使用铅(签)封已损坏的计量器具。

八、信息真实合法,严禁虚假宣传。经营者市场交易或网络营销宣传内容应当真实、合法。严禁发布虚假广告误导、欺骗消费者,不得夸大冬虫夏草功效;不得涉及疾病治疗功能,不得使用医疗用语或者易使与药品、医疗器械相混淆的用语;不得声称或者暗示为保障健康所必需;不得以虚假或者引人误解的演示、说明、标准、实物样品等方式销售虫草。

全市冬虫夏草交易市场的开办方、经营者要自觉遵守“八严禁”规定,遵循公正、公开、公平、诚信的原则规范交易行为。市场监管部门将持续加大市场检查力度,严厉打击各类违法违规经营行为,营造良好消费环境。同时提醒广大消费者注意防范、理性消费,发现违法线索,可拨打12315、3912315或登录全国12315平台进行投诉举报。

附件:那曲市12315投诉举报平台二维码

微信扫描 进入12315消费投诉举报平台

那曲市市场监督管理局

2026年4月28日

དབྱར་རྩྭ་དགུན་འབུ་ཁྲོམ་རའི་ཉོ་ཚོང་བྱ་སྤྱོད“གཏན་འགོག་བརྒྱད”ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱི་དྲན་སྐུལ་བསླབ་བྱའི་ཡི་གེ།

དབྱར་རྩྭ་དགུན་འབུའི་ཁྲོམ་རའི་གཉེར་སྐྱོང་བྱེད་མཁན་དང་ཚོང་གཉེར་བྱེད་མཁན་ཁག་ལ།

གྲོང་ཁྱེར་ཡོངས་ཀྱི་དབྱར་རྩྭ་དགུན་འབུ་བརྐོ་འཐུའི་དུས་ཚིགས་འཆར་ཉེར་ཡོད་པའི་མཚམས་འདིར། ཁྲོམ་རའི་ཉོ་ཚོང་སྒྲིག་ལམ་སྲུང་སྐྱོང་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་། གྲོང་ཁྱེར་ཡོངས་ཀྱི་དབྱར་རྩྭ་དགུན་འབུའི་ཁྲོམ་རར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྡ་ཁྱབ་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་རྩི་ཤིང་སྲུང་སྐྱོབ་སྲོལ་ཡིག》《བོད་རང་སྐྱོང་ལྗོངས་དབྱར་རྩ་དགུན་འབུའི་ཉོ་ཚོང་དོ་དམ་གནས་སྐབས་བྱ་ཐབས》《ནག་ཆུ་གྲོང་ཁྱེར་གྱི་ནག་ཆུའི་དབྱར་རྩྭ་དགུན་འབུ་སྲུང་སྐྱོབ་དང་དོ་དམ་སྲོལ་ཡིག》སོགས་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་། ད་ལྟ་འབྲེལ་ཡོད་དོན་དག་དྲན་སྐུལ་བསླབ་བྱ་བྱེད་རྒྱུ་གཤམ་གསལ།

གཅིག རང་འགུལ་ངང་ཐོ་འགོད་བྱེད་དགོས་པ་ལས་ལག་ཁྱེར་མེད་པར་ཚོང་གཉེར་བྱེད་རིགས་གཏན་འགོག་བྱེད་དགོས། དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་མཁན་གྱིས་ངེས་པར་དུ་ཁྲིམས་བཞིན་ཁྲོམ་རའི་བྱེད་པོའི་ཐོ་འགོད་བྱེད་དགོས་པ་མ་ཟད། ལས་གཉེར་ལག་ཁྱེར་ཚོང་གཉེར་བྱེད་སའི་མངོན་གསལ་དོད་སར་འཇོག་དགོས། རི་སྐྱེས་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་མཁན་གྱིས་ཚོང་གཉེར་བྱེད་ཁོངས་ཀྱི་དོན་དག་ཐོ་འགོད་བྱེད་སྐབས་རང་བདག་ངང་“རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་གཉིས་པའི་རི་སྐྱེས་རྩི་ཤིང་ཕྱིར་འཚོང་དང་ཉོ་སྒྲུབ་བྱེད་པའི”རྣམ་གྲངས་རེ་ཞུ་བྱེད་དགོས།

གཉིས། ཁུལ་དབྱེ་དང་སྒྲོམ་དབྱེའི་ཕྱིར་འཚོང་བྱེད་དགོས་པ་ལས་མཉམ་བསྲེས་བྱེད་རིགས་གཏན་འགོག་བྱེད་དགོས། གཅིག་སྡུད་ཉོ་ཚོང་ཁྲོམ་རའི་གཉེར་སྐྱོང་བྱེད་མཁན་དང་ཚོང་གཉེར་བྱེད་མཁན་གྱིས་རང་འགུལ་ངང་དབྱར་རྩྭ་དགུན་འབུའི་ཁྲོམ་རའི་ཉོ་ཚོང་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། ཆ་རྐྱེན་ཚང་ཡོད་པའི་དབྱར་རྩྭ་དགུན་འབུ་ཉོ་ཚོང་ཁྲོམ་རས་ངེས་པར་དུ་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། “མིས་བཟོས་འབུ་རྩྭ”དང་“རི་སྐྱེས་དབྱར་རྩྭ་དགུན་འབུ”གཉིས་ཁུལ་དབྱེ་ནས་ཕྱིར་འཚོང་བྱེད་དགོས། གཅིག་སྡུད་ཉོ་ཚོང་ཁྲོམ་ར་ཕུད་པའི་ཚོང་གཉེར་བྱེད་མཁན་གྱིས་ངེས་པར་དུ་ཚོང་གཉེར་བྱ་ཡུལ་དུ“མིས་བཟོས་འབུ་རྩྭ”དང་“རི་སྐྱེས་དབྱར་རྩྭ་དགུན་འབུ”གཉིས་སྒྲོམ་དབྱེ་ནས་འཇོག་པ་དང་ཕྱིར་འཚོང་བྱེད་དགོས།

གསུམ། རིན་གོང་ཚད་ལྡན་བཟོ་དགོས་པ་ལས་རིན་གོང་གཡོ་འཕྲུལ་བྱེད་རིགས་གཏན་འགོག་བྱེད་དགོས། ཚོང་གཉེར་བྱེད་མཁན་གྱིས་དབྱར་རྩྭ་དགུན་འབུ་ཕྱིར་འཚོང་དང་ཉོ་སྒྲུབ་བྱེད་སྐབས་ངེས་པར་དུ་རིན་གོང་གསལ་པོར་འགོད་དགོས་ཤིང་། རིན་གོང་གསལ་འགོད་དཀར་ཆག་ཆ་ཚང་པོ་དང་། ནང་དོན་བདེན་པ་བདེན་ཐུབ་ཡིན་ལ། ཚོང་རྟགས་གསལ་ཞིང་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། རིན་གོང་རྫུན་བཟོའམ་ཡང་ན་གོ་ནོར་ཐེབས་སུ་འཇུག་པའི་བྱེད་ཐབས་སྤྱད་དེ་འཛད་སྤྱོད་པའམ་ཡང་ན་ཚོང་གཉེར་བྱེད་མཁན་གཞན་དག་ལ་མགོ་སྐོར་བཏང་ནས་དེ་དང་ཉོ་ཚོང་བྱེད་དུ་བཅུག་མི་ཆོག

བཞི། རང་འགུལ་ངང་གསལ་བཤད་བྱེད་དགོས་པ་ལས་རྫུན་བཟོ་བྱེད་རིགས་གཏན་འགོག་བྱེད་དགོས། ཚོང་གཉེར་བྱེད་མཁན་གྱིས“མིས་བཟོས་འབུ་རྩྭ”ཕྱིར་འཚོང་བྱེད་སྐབས་ངེས་པར་དུ་རང་འགུལ་ངང་གསལ་བཤད་བྱེད་དགོས། “རི་སྐྱེས་དབྱར་རྩྭ་དགུན་འབུ”ཕྱིར་འཚོང་བྱེད་སྐབས་བརྐོ་འཐུའི་ལོ་དུས་དང་ཐོན་ཡུལ་གྱི་ཆ་འཕྲིན་ཇི་མ་ཇི་བཞིན་མཁོ་འདོན་བྱེད་དགོས། “མིས་བཟོས་འབུ་རྩྭ”དང་“ཕྱི་ཡོང་འབུ་རྩྭ”ཡིས“ནག་ཆུའི་དབྱར་རྩྭ་དགུན་འབུ”ལ་ཧམ་རྫུས་ཀྱིས་ཕྱིར་འཚོང་བྱེད་རིགས་གཏན་འགོག་བྱེད་དགོས། “མིས་བཟོས་འབུ་རྩྭ”དང་“ཕྱི་ཡོང་འབུ་རྩྭ”“ནག་ཆུའི་དབྱར་རྩྭ་དགུན་འབུའི”ནང་མཉམ་བསྲེས་ཀྱིས་ཕྱིར་འཚོང་བྱེད་རིགས་གཏན་འགོག་བྱེད་དགོས། “ཡཱ་ཤང་འབུ་རྩྭ”སོགས་རྩི་ཤིང་གིས“ནག་ཆུའི་དབྱར་རྩྭ་དགུན་འབུ”ལ་ཧམ་རྫུས་ཀྱིས་ཕྱིར་འཚོང་བྱེད་རིགས་གཏན་འགོག་བྱེད་དགོས།

ལྔ། ཁྲིམས་བཞིན་ཁ་དན་ཚིག་གནས་ཀྱིས་ཚོང་གཉེར་བྱེད་དགོས་པ་ལས་ཚོང་རྟགས་རྫུན་བཟོ་བྱེད་རིགས་གཏན་འགོག་བྱེད་དགོས། “ནག་ཆུའི་དབྱར་རྩྭ་དགུན་འབུ”ལ་ཐུམ་སྒྲིལ་རྒྱག་སྐབས་ངེས་པར་དུ་ཚོང་རྟགས་བདེན་པ་བདེན་ཐུབ་ཡིན་དགོས་པ་དང་། དེའི་ཐོན་ཡུལ་དང་། ལྗིད་ཚད། བརྐོ་འཐུའི་ལོ་དུས། ཐུམ་སྒྲིལ་དུས་ཚོད་སོགས་ཀྱི་ཆ་འཕྲིན་གསལ་པོར་འགོད་དགོས། མིས་བཟོས་འབུ་རྩྭ་ཐུམ་སྒྲིལ་རྒྱག་སྐབས་མངོན་གསལ་དོད་སར“མིས་བཟོས་འབུ་རྩྭ”ཞེས་པའི་ཡི་གེ་གསལ་པོར་འགོད་དགོས། མིས་བཟོས་འབུ་རྩྭའི་ཐུམ་སྒྲིལ་ཐོག“རང་བྱུང་”དང་། “རི་སྐྱེས” “ནག་ཆུའི་དབྱར་རྩྭ་དགུན་འབུ”སོགས་ཀྱི་ཆ་འཕྲིན་རྫུན་མའམ་ཡང་ན་གོ་ནོར་ཐེབས་སྲིད་པའི་ཆ་འཕྲིན་འགོད་རིགས་གཏན་འགོག་བྱེད་དགོས།

དྲུག སྤུས་ཚད་ཀྱི་འོས་འགན་ལག་བསྟར་བྱེད་དགོས་པ་ལས་ལྷད་བསྲེས་རྫུན་བཟོ་དང་རྫུན་མ་ངོ་མར་བརྫུ་རིགས་གཏན་འགོག་བྱེད་དགོས། ཚོང་གཉེར་བྱེད་མཁན་གྱིས་ངེས་པར་དུ་ཚོང་ཟོག་ནང་འདྲེན་གྱི་ཞིབ་བཤེར་རྩིས་ལེན་ལམ་ལུགས་བཙུགས་ནས། བྱ་ཐབས་ཐོག་ནས་དབྱར་རྩྭ་དགུན་འབུ་བཙོང་བའི་སྤུས་ཚད་འགན་ལེན་བྱེད་དགོས། མི་ཐབས་ལག་རྩལ་ལ་བརྟེན་ནས་ཞ་ཉེ་དང་། ལྕགས། ཧ་ཡང་། ཚུར་དཀར་སོགས་དངོས་པོ་གཞན་བསྣན་པ་དང་དེ་བཞིན་ལྕགས་རིགས་ཕྱེ་མའི་ཚོན་རྩི་བྱུག་པ་དང་། ལྗིད་ཚད་ལྕི་རུ་གཏོང་བའི་གཤེར་ཁུའི་ནང་སྦངས་བ་སོགས་ཀྱི་གཡོ་ཐབས་ལ་བརྟེན་ནས་དབྱར་རྩྭ་དགུན་འབུའི་ལྗིད་ཚད་ལྕི་རུ་བཏང་རྗེས་ཕྱིར་འཚོང་བྱེད་རིགས་གཏན་འགོག་བྱེད་དགོས།

བདུན། ཚད་འཇལ་ཉོ་ཚོང་དྲང་གཞག་བྱེད་དགོས་པ་ལས་རྒྱ་སྲང་ཆད་པ་དང་ཚད་འཇལ་གཡོ་ལས་བྱེད་རིགས་གཏན་འགོག་བྱེད་དགོས། དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་སྐབས་ངེས་པར་དུ་ཚད་འཇལ་ཡོ་བྱད་འཕྱུགས་པ་མེད་པའི་འགན་ལེན་བྱེད་དགོས། རྒྱལ་ཁབ་ཀྱིས་བཀའ་རྒྱ་བསྒྲགས་ནས་མེད་པ་བཟོ་བའི་ཚད་འཇལ་ཡོ་བྱད་བེད་སྤྱོད་བྱེད་མི་ཆོག ཞིབ་དཔྱད་གཏན་འཁེལ་བྱས་མེད་པ་དང་ཞིབ་དཔྱད་གཏན་འཁེལ་གྱི་དུས་འཁོར་ལས་བརྒལ་བའམ་ཡང་ན་ཞིབ་དཔྱད་གཏན་འཁེལ་བྱས་ནས་ཚད་གཞི་ལོན་མེད་པའི་ཚད་འཇལ་ཡོ་བྱད་བེད་སྤྱོད་བྱེད་མི་ཆོག གཡོ་ལས་བྱེད་ནུས་ལྡན་པའི་ཚད་འཇལ་ཡོ་བྱད་བེད་སྤྱོད་བྱེད་མི་ཆོག ཡང་དག་པའི་ཚད་འཇལ་ཡོ་བྱད་གཏོར་བརླག་གཏོང་མི་ཆོག ཚད་འཇལ་ཡོ་བྱད་ཀྱི་ཞ(རྒྱ་བཅད)ཐེལ་གཏོར་བརླག་གཏོང་མི་ཆོག ཆག་སྐྱོན་བྱུང་བའི་ཞ(རྒྱ་བཅད)ཐེལ་གྱི་ཚད་འཇལ་ཡོ་བྱད་བེད་སྤྱོད་བྱེད་མི་ཆོག

བརྒྱད། ཆ་འཕྲིན་བདེན་པ་དང་ཁྲིམས་མཐུན་ཡིན་དགོས་པ་ལས་དྲིལ་བསྒྲགས་རྫུན་མ་བྱེད་རིགས་གཏན་འགོག་བྱེད་དགོས། ཚོང་གཉེར་བྱེད་མཁན་གྱིས་ཁྲོམ་རའི་ཉོ་ཚོང་ངམ་ཡང་ན་དྲ་ཐོག་ཚོང་གཉེར་གྱི་དྲིལ་བསྒྲགས་ནང་དོན་ངེས་པར་དུ་བདེན་པ་དང་ཁྲིམས་མཐུན་ཡིན་དགོས། བརྡ་ཁྱབ་རྫུན་མ་སྤེལ་ནས་འཛད་སྤྱོད་པར་མགོ་སྐོར་གཏོང་རིགས་གཏན་འགོག་དང་། དབྱར་རྩྭ་དགུན་འབུའི་ཕན་ནུས་འུད་སྒྲོག་བྱེད་མི་ཆོག ནད་རིགས་སྨན་བཅོས་བྱེད་ནུས་དང་འབྲེལ་བ་ཡོད་མི་ཆོག སྨན་བཅོས་ཀྱི་ཐ་སྙད་དམ་ཡང་ན་སྨན་རྫས་དང་སྨན་བཅོས་ཡོ་བྱད་དང་འདྲེས་སླ་བའི་ཐ་སྙད་སྤྱོད་མི་ཆོག ལུས་ཁམས་བདེ་ཐང་འགན་སྲུང་བྱེད་པར་དགོས་ངེས་ཡིན་ཞེས་གསལ་བསྒྲགས་སམ་ཡང་ན་ལྐོག་བརྡ་གཏོང་མི་ཆོག རྫུན་མའམ་ཡང་ན་གོ་ནོར་ཐེབས་སུ་འཇུག་པའི་འགྲེམ་སྟོན་དང་། གསལ་བཤད། ཚད་གཞི། དངོས་དཔེ་སོགས་ཀྱི་གཡོ་ཐབས་ལ་བརྟེན་ནས་དབྱར་རྩྭ་དགུན་འབུ་ཕྱིར་འཚོང་བྱེད་མི་ཆོག གྲོང་ཁྱེར་ཡོངས་ཀྱི་དབྱར་རྩྭ་དགུན་འབུ་ཉོ་ཚོང་ཁྲོམ་རའི་གཉེར་སྐྱོང་བྱེད་མཁན་དང་ཚོང་གཉེར་བྱེད་མཁན་གྱིས་རང་རྟོགས་ངང་“གཏན་འགོག་བརྒྱད”ཀྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་ཤིང་། གཞུང་དྲང་ དང་། ཡོངས་བསྒྲགས། དྲང་གཞག ཁ་དན་ཚིག་གནས་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ནས་ཉོ་ཚོང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁྲོམ་རར་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་ཚོང་གཉེར་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་སྟེ་འཛད་སྤྱོད་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་ཡིན། དུས་མཚུངས་སུ་རྒྱ་ཆེའི་འཛད་སྤྱོད་པར་དོགས་ཟོན་དང་ལུགས་མཐུན་ངང་འཛད་སྤྱོད་བྱེད་རྒྱུར་དོ་སྣང་བྱས་ཏེ། ཁྲིམས་འགལ་གྱི་ཁུངས་སྣེ་ཤེས་རྟོགས་ཐུབ་ཚེ་12315དང་3912315འམ་ཡང་ན་རྒྱལ་ཡོངས་ཀྱི་12315སྟེགས་བུར་ཐོ་འཇུག་བྱས་ཏེ་ཞུ་གཏུག་ཐེར་འདོན་བྱེད་རྒྱུའི་དྲན་སྐུལ་ཞུ་རྒྱུ་ཡིན།

ཟུར་བཀོད། ནག་ཆུ་གྲོང་ཁྱེར་གྱི་12315ཞུ་གཏུག་ཐེར་འདོན་སྟེགས་བུའི་རྩ་གཉིས་བཤེར་རྟགས།

འཕྲིན་ཕྲན་བཤར་འབེབས་བྱས་ནས་12315འཛད་སྤྱོད་ཞུ་གཏུག་ཐེར་འདོན་སྟེགས་བུའི་ནང་འཛུལ་དགོས།

ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད།

2026ལོའི་ཟླ་4ཚེས་28ཉིན།

监 审:拉萨卓玛

审 核:马国萍

编 辑:许峰

来 源:那曲融媒