关于公开征集玛沁县旅游市场乱象问题线索的通告

chengsenw 网络营销评论1阅读模式

关于公开征集玛沁县旅游市场乱象问题线索的通告

关于公开征集玛沁县旅游市场乱象问题线索的通告
关于公开征集玛沁县旅游市场乱象问题线索的通告

各文旅企业、广大游客朋友:

为深入整治旅游市场各类违规乱象,持续规范我县旅游市场秩序,切实维护广大游客合法权益,营造安全有序、文明诚信、优质舒心的旅游环境,现面向社会公开征集旅游市场违法违规问题线索。

1

线索征集范围

关于公开征集玛沁县旅游市场乱象问题线索的通告

    凡在玛沁县县域内,涉及旅游经营、导游服务、景区运营、购物消费等环节扰乱市场秩序、侵害游客权益的违法违规行为,均纳入征集范围。

   (一)导游服务乱象

   1.无导游证私自开展导游服务、导游未经旅行社委派私自承揽业务。

    2.擅自更改行程、增减项目、恶意甩团甩客、压缩游览时间、强制增加购物及自费项目。

    3.与商家串通诱导、欺骗、强迫游客消费,收受回扣、商业贿赂。

    4.以各种理由明示、暗示索要小费。

  (二)强制消费乱象

   1.旅行社开展不合理低价游,欺骗、胁迫、诱导游客消费,违规转团拼团。

   2.涉旅经营单位不明码标价、售卖假冒伪劣商品、诱导及强制消费。

   3.购物场所围追兜售、强迫或变相强迫游客购物。

 (三)涉旅经营主体乱象

  1.无资质个人、自媒体、主播、微商等非法招徕、组织接待游客。

  2.户外俱乐部、车友会无资质违规开展组团收费、提供旅游服务。

  3.旅行社服务网点超范围经营、直接组织旅游活动。

  4.旅行社转借伪造资质、超范围经营、转包业务、聘用无证人员、合作不合格供应商。

 (四)公职人员违规违纪行为

  1.违规接受旅行社付费购物、游览等安排。

  2.违规参股或变相参与旅游经营活动。

  3.利用职务便利为本人及他人牟取不当利益。

 (五)其他侵害游客权益行为其他扰乱旅游市场秩序、损害游客合法权益的违法违规行为。

2

  举报方式   

关于公开征集玛沁县旅游市场乱象问题线索的通告

1.举报电话:0975-8380023(玛沁县文体旅游广电局)

2.举报邮箱2382790354@qq.com

3.来信地址:玛沁县文体旅游广电局旅游科

3

线索提供要求

关于公开征集玛沁县旅游市场乱象问题线索的通告

举报人应当实事求是、客观公正反映问题,提供真实有效线索,不得诬告陷害、恶意举报、虚假举报。请如实提供事发时间、地点、具体情况及个人信息,以便核查办理。相关部门将严格保密举报人信息,依法保护举报人合法权益。 恳请广大文旅企业、游客朋友积极监督,共同维护我县安全规范、文明有序、优质高效的旅游市场环境。

རྨ་ཆེན་རྫོང་ཡུལ་སྐོར་ཁྲོམ་རའི་རྙོག་འཛིང་གནད་དོན་ཁུངས་སྣེ་འཚོལ་བསྡུབྱ་རྒྱུའི་སྐོར་གྱི་བརྡ་ཁྱབ། 

རིག་གནས་ཡུལ་སྐོར་ཁེ་ལས་པ་དང་རྒྱ་ཆེའི་ཡུལ་སྐོར་་རྣམ་པ། 

   ཡུལ་སྐོར་ཁྲོམ་རའི་སྒྲིག་འགལ་སྣ་ཚོགས་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་།རང་རྫོང་གི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་རྒྱུན་མཐུད་ངང་ཚད་ལྡན་དུ་གཏོང་བ།རྒྱ་ཆེའི་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནན་ཏན་བྱེད་པ།བདེ་འཇགས་དང་གོ་རིམ་ལྡན་པ།ཡ་རབས་གཞུང་བཟང་དང་།སྤུས་ལེགས་ཚད་ལྡན་གྱི་ཡུལ་སྐོར་ཁོར་ཡུག་ཅིག་ཏུ་གཏོང་ཆེད།ད་ལྟ་སྤྱི་ཚོགས་ལ་ཕྱོགས་ནས་ཡུལ་སྐོར་ཁྲོམ་རའི་ཁྲིམས་འགལ་དང་སྒྲིག་འགལ་གནད་དོན་གྱི་ཁུངས་སྣེ་འཚོལ་བསྡུ་སྐོར་གྱི་བརྡ་ཁྱབ་གཤམ་གསལ། 

དང་བོ།ཁུངས་སྣེ་བསྡུ་བའི་ཁྱབ་ཁོངས། 

རྨ་ཆེན་རྫོང་ནང་ཁུལ་གྱི་ཡུལ་སྐོར་གཉེར་སྐྱོང་དང་།ཡུལ་སྐོར་སྣེ་ཤན་པའི་ཞབས་ཞུ།ཡུལ་སྐོར་ས་ཁུལགྱི་གཉེར་སྐྱོང་།ཉོ་ཚོང་ས་ཚིགས་དང་འབྲེལ་བ་ཡོད་པའི་ཁྲོམ་རའི་སྒྲིག་ལམ་ལ་གཏོར་བརླག་དང་།ཡུལ་སྐོར་བའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་དང་སྒྲིག་འགལ་གྱི་བྱ་སྤྱོད་ཚང་མ་བསྡུ་ལེན་ཁྱབ་ཁོངས་ནང་ཚུད་ཡོད། 

གཅིག ཡུལ་སྐོར་སྣེ་ཤན་པའི་ཞབས་ཞུ། 

1.ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་མེད་པར་རང་འདོར་ལྟར་ཡུལ་སྐོར་སྣེ་ཤན་གྱི་ཞབས་ཞུ་བསྒྲུབ་པ་དང་།ཡུལ་སྐོར་ལས་དོན་ཁང་གི་མངགས་གཏོང་མ་བྱས་པར་སྒེར་གྱིས་ཡུལ་སྐོར་སྣེ་ཤན་བྱེད་མི་རུང་། 

2.རང་དགར་གྱིས་ལམ་ཐིག་བསྒྱུར་བ་དང་།རྣམ་གྲངས་ཁ་སྣོན་དང་ཉུང་འཕྲི་བྱེད་པ།ཚོགས་པ་དང་ཡུལ་སྐོར་གྱི་མགྲོན་པོ་ཁ་ཡ་མི་བྱེད་པ།ཡུལ་སྐོར་གྱི་དུས་ཚོད་ཇེ་ཐུང་དུ་གཏོང་བ།བཙན་ཤེད་ཀྱིས་དངོས་ཟོག་ཉོ་སྒྲུབ་དང་གྲོན་དངུལ་རྣམ་གྲངས་མང་དུ་གཏོང་མི་རུང་།

3.ཚོང་པ་དང་ངན་འབྲེལ་བྱས་ནས་ཡུལ་སྐོར་བར་མགོ་སྐོར་གཏོངདང་།བཙན་ཤེད་ཀྱིས་འཛད་སྤྱོད་བྱེད་དུ་འཇུག་པ།བར་ཁེ་དང་ཚོང་ལས་ཀྱི་ལྐོག་རྔན་ལེན་མི་རུང་།

 4. རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་ལྐོག་རྔན་དང་ལེན་མི་རུང་། 

གཉིས།རྙོག་འཛིང་འཛད་སྤྱོད་འགྲོ་གྲོན་གྱི་སྐོར།

1.ཡུལ་སྐོར་ལས་དོན་ཁང་གིས་ལུགས་དང་མི་མཐུན་པའི་རིན་གོང་དམའ་བའི་ཡུལ་སྐོར་བྱེད་དུ་འཇུག་པ་དང་།ཡུལ་སྐོར་བར་བཙན་སྐུལ་དང་མགོ་སྐོར་བཏང་ནས་འཛད་སྤྱོད་གྱི་སྒྲིག་འགལ་བྱེད་མི་རུང་། 

2.ཡུལ་སྐོར་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་སྡེ་ཚན་གྱིས་རིན་གོང་གསལ་པོ་མི་བཀོད་པ་དང་།ཚོང་ཟོག་རྫུན་མ་དང་སྤུས་ངན།འཛད་སྤྱོད་པར་མགོ་སྐོར་དང་བཙན་ཤེད་བྱེེད་མི་རུང་། 

3.བཙན་ཤེད་དང་རྣམ་འགྱུར་སྣ་ཚོགས་ལ་བརྟེན་ནས་དངོས་ཟོག་ཉོ་སྒྲུབ་བྱེད་དུ་འཇུག་མི་རུང་། 

གསུམ།ཡུལ་སྐོར་དང་འབྲེལ་བའི་གཉེར་སྐྱོང་གི་སྐོར། 

1.ཐོབ་ཐང་མེད་པའི་མི་སྒེར་དང་།རང་འགུལ་སྨྱན་སྦྱོར།འཕྲིན་ལམ་སོགས་བརྒྱུད་ནས་ཚོང་དོན་རྩ་འཛུགས་ཀྱིས་ཁྲིམས་འགལ་ངང་ཡུལ་སྐོར་བ་འགུག་པ་དང་སྣེ་ལེན་བྱེད་མི་རུང་། 

2.ཕྱི་རོལ་གྱི་སྤྲོ་སྐྱིད་ཁང་དང་ཐོབ་ཐང་གསལ་བོ་མིན་པའི་གླ་གཏོང་ཚོགས་པས་སྒྲིག་འགལ་གྱིས་ཚོགས་པ་དང་སྒྲིག་འཛུགས་བྱས་ནས་གྲོན་དངུལ་བསྡུ་བ་དང་ཡུལ་སྐོར་ཞབས་ཞུ་བྱེད་མི་རུང་། 

3.ཡུལ་སྐོར་ལས་དོན་ཁང་གི་ཞབས་ཞུའི་དྲ་རྒྱའི་ཁྱབ་ཁོངས་ལས་བརྒལ་ནས་གཉེར་སྐྱོང་བྱེད་པ་དང་ཐད་ཀར་ཡུལ་སྐོར་བྱེད་སྒོ་སྤེལ་མི་རུང་། 

4.ཡུལ་སྐོར་ལས་དོན་ཁང་གིས་ཐོབ་ཐང་རྫུན་བཟོ་དང་།ཁྱབ་ཁོངས་ལས་བརྒལ་ནས་གཉེར་སྐྱོང་བྱེད་པ། ལས་སྒོ་འགན་གཙང་གཞན་སྤྲོད་བྱེད་པ། ལག་ཁྱེར་མེད་པའི་མི་སྣ་གདན་ཞུ་དང་།ཚད་གཞི་མེད་པའི་མཉམ་ལས་ཚོང་དོན་མཁོ་འདོན་བྱེད་མི་རུང་། 

བཞི།གཞུང་ཞབས་པའི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ཀྱི་སྐོར། 

1.སྒྲིག་འགལ་གྱིས་ཡུལ་སྐོར་ལས་དོན་ཁང་གིས་རིན་པ་སྤྲད་ནས་དངོས་པོ་ཉོ་བ་དང་ཡུལ་སྐོར་སོགས་ཀྱི་བཀོད་སྒྲིག་བྱེད་མི་རུང་། 

2.སྒྲིག་འགལ་གྱིས་མ་རྐང་ནང་ཞུགས་པའམ་རྣམ་པ་གཞན་དུ་བསྒྱུར་ནས་ཡུལ་སྐོར་གཉེར་སྐྱོང་བྱེད་སྒོར་ཞུགས་མི་རུང་། 

3.ཐོབ་ཐང་དང་གོ་གནས་བེད་སྤྱད་བྱས་ནས་རང་ཉིད་དང་མི་གཞན་ལ་ཚུལ་མིན་གྱི་ཁེ་ཕན་ཐོབ་ཏུ་འཇུག་མི་རུང་།

ལྔ།ཡུལ་སྐོར་བའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཀྱི་སྐོར། 

ཡུལ་སྐོར་ཚོང་རའི་སྒྲིག་ལམ་བརླག་པ་དང་།ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ།ཁྲིམས་འགལ་དང་སྒྲིག་འགལ་གྱི་བྱ་སྤྱོད་གཞན་དག་སྤེལ་མི་རུང་། 

གཉིས་པ། ཐེར་འདོན་བྱེད་སྟངས། 

1.ཐེར་འདོན་ཁ་པར། 0975-8380023རྨ་ཆེན་རྫོང་རིག་ལུས་ཡུལ་སྐོར་རྒྱང་བརྙན་ཅུས། 

2.ཐེར་འདོན་ཡིག་སྒ    2382790354@qq.com
3.འཕྲིན་ཡིག་བསྐུར་ས།རྨ་ཆེན་རྫོང་རིག་ལུས་ཡུལ་སྐོར་རྒྱང་བརྙན་ཅུས་ཀྱི་ཡུལ་སྐོར་གཞུང་ལས་ཁང་། 

གསུམ་པ།ཁུངས་སྣེ་མཁོ་འདོན་གྱི་བླང་བྱ། 

ཐེར་འདོན་བྱེད་མཁན་གྱིས་དངོས་ཐོག་བདེན་འཚོལ་དང་།དོན་དངོས་དང་མཐུན་ཞིང་དྲང་གཞག་གི་སྒོ་ནས་གནད་དོན་སྙན་སེང་ཞུ་དགོས་པ་དང་།དོན་དངོས་དང་ནུས་ལྡན་གྱི་ཁུངས་སྣེ་མཁོ་འདོན་བྱེད་དགོས་པ་ལས་མ་ཉེས་ཁག་འགེལ་བྱ་མི་ཉན།དོན་རྐྱེན་བྱུང་བའི་དུས་ཚོད་དང་།ས་གནས།ཞིབ་ཕྲའི་གནས་ཚུལ། མི་སྒེར་གྱི་ཆ་འཕྲིན་བཅས་ཇི་མ་ཇི་བཞིན་མཁོ་འདོན་བྱས་ནས་ཞིབ་དཔྱད་བྱ་རྒྱུར་སྟབས་བདེ་བསྐྲུན་རྒྱུ།འབྲེལ་ཡོད་སྡེ་ཚན་གྱིས་ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་ནན་གསང་བྱས་ནས་ཐེར་འདོན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུ། 

རྒྱ་ཆེའི་རིག་གནས་ཡུལ་སྐོར་གྱི་ཁེ་ལས་དང་ཡུལ་སྐོར་གྲོགས་པོ་ཚོས་ལྟ་སྐུལ་ཧུར་ཐག་བྱས་ནས་རང་རེའི་རྫོང་གི་བདེ་འཇགས་ཚད་ལྡན་དང་། ཤེས་དཔལ་ལྡན་པ། སྤུས་ལེགས་ནུས་ལྡན་གྱི་ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་ལ་སྲུང་སྐྱོང་བྱ་དགོས། 

 རྨ་ཆེན་རྫོང་རིག་ལུས་ཡུལ་སྐོར་རྒྱང་བརྙན་ཅུས།

    2026ལོའི་ཟླ་3པའི་ཚེས19ཉིན། 

关于公开征集玛沁县旅游市场乱象问题线索的通告
关于公开征集玛沁县旅游市场乱象问题线索的通告

审  核 |王晓佳

编  辑 |朋毛才让

来  源 |改托吉

 
chengsenw
  • 本文由 chengsenw 发表于 2026年3月19日 23:46:38
  • 转载请务必保留本文链接:https://www.gewo168.com/16243.html
匿名

发表评论

匿名网友

:?: :razz: :sad: :evil: :!: :smile: :oops: :grin: :eek: :shock: :???: :cool: :lol: :mad: :twisted: :roll: :wink: :idea: :arrow: :neutral: :cry: :mrgreen: